✦牛壹佰
•
✦
2025ལོའི་གཅིག་སྒྲིལ་རྫོང་གི་ཚོང་འགུག་དངུལ་འདྲེན་འོས་སྦྱོར་ཚོགས་འདུ་
ཧྲང་ཧའེ་རུ་འཚོགས།
ཟླ5པའི་ཚེས7ཉིན་གྱི་སྔ་དྲོའི་ཆུ་ཚོད10པའི་སྟེང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གི་ཚོང་འགུག་དངུལ་འདྲེན་འོས་སྦྱོར་ཚོགས་འདུ་ཧྲང་ཧའེ་གྲོང་ཁྱེར་ཅ་ཏིང་ཆུས་སུ་གཟབ་རྒྱས་ངང་འཚོགས། བྱ་འགུལ་དེས“སྐྱེ་ཁམས་ཀྱི་རི་མོ། དག་ཞིང་གི་གཅིག་སྒྲིལ”བརྗོད་བྱ་གཙོ་བོར་བྱས་ཏེ། ཐོན་རྫས་འགྲེམས་ཚོང་དང་། ཐོན་ཁུངས་ངོ་སྤྲོད། ཐོན་ལས་གན་རྒྱ་འཇོག་པ། རིག་གནས་འགྲེམས་སྟོན་བཅས་སྣ་བཞིའི་སྒོ་ནས་གཅིག་སྒྲིལ་གྱི་སྐྱེ་ཁམས་དང་། རིག་གནས། ཐོན་ལས་ཐོན་ཁུངས་ཀྱི་ལེགས་ཆ་གཅིག་སྡུད་བྱས་ནས་འགྲེམས་སྤེལ་བྱས་ཤིང་། བརྗེ་རེས་མཉམ་ལས་ཡུན་རིང་གཏིང་ཟབ་པའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་། ཧྲང་ཧའེ་གྲོང་ཁྱེར་ཅ་ཏིང་ཆུས་མི་དམངས་སྲིད་གཞུང་གི་ཆུས་ཀྲང་གཞོན་པ་ཏིང་ཅུང་ཅུང་དང་། མགོ་ལོག་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་གཅིག་སྒྲིལ་རྫོང་ཨུའི་ཧྲུའུ་ཅི་པའེ་ཡུང་ཏུང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་སྒྲོལ་མ་དོན་འགྲུབ་སོགས་མགོ་ཁྲིད་བྱ་འགུལ་སྟེང་ཞུགས་པ་དང་། མིང་དུ་གྲགས་པའི་ཁེ་ལས་པ150ལྷག་དང་གཙོ་རྒྱུགས་སྨྱན་སྦྱོར་འཐུས་མི10ལྷག་ཙམ་བཅས་བསྡོམས་པས་མི200ལྷག་ཙམ་ཚོགས་འདུར་ཞུགས།
展开剩余71%བྱ་འགུལ་ཡུལ་དངོས་སུ་རིག་གནས་ཡུལ་སྐོར་ཁེ་ལས་ཐོན་རྫས་འགྲེམས་སྟོན་ཁུལ་དང་ཞིང་ཕྱུགས་ཐོན་རྫས་འགྲེམས་གནས་བཙུགས་ནས། ཚོགས་ཞུགས་སྐུ་མགྲོན་མང་པོ་ཞིག་གིས་ལྟ་སྐོར་དང་ཤེས་རྟོགས་བྱས་པ་བརྒྱུད་ཡིད་དབང་བཀུག་པ་དང་། གཅིག་སྒྲིལ་གྱི་ནོར་ཤ་དང་། བོད་སྤོས། གཉེན་པོ་གཡུ་རྩེའི་སྐར་རྡོ་སོགས་ཁྱད་ཆོས་ལྡན་པའི་ཐོན་རྫས་ཀྱིས་ཚོང་པ་མང་པོ་ཞིག་གི་ཡིད་དབང་བཀུག་ནས་ཚོང་རྫས་ཉོས། ཡུལ་དངོས་སུ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རིག་གནས་རྒྱུན་འཛིན་འཇོན་མི་ཚེ་གྲུབ་ཀྱིས་པྲ་སྒྲུང་ལས་གླིང་གི་མོ་སྨན་བཅོ་བརྒྱད་ཀྱི་རྒྱན་གོས་བསྐྱར་དུ་མངོན་ནས་ཚོགས་ཞུགས་སྐུ་མགྲོན་རྣམས་ལ་བོད་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དང་གེ་སར་རིག་གནས(མགོ་ལོག)སྐྱེ་ཁམས་སྲུང་སྐྱོང་ཁུལ་ལྟེ་བའི་ཁུལ་གྱི་གྲུབ་འབྲས་བཟང་པོ་ཤེས་རྟོགས་བྱེད་དུ་བཅུག
འོས་སྦྱོར་ཚོགས་འདུའི་ཐོག གཅིག་སྒྲིལ་རྫོང་མི་དམངས་སྲིད་གཞུང་གིས་ཧྲང་ཧའེ་སྤྱི་ཚོགས་ཚན་རིག་ཁང་རིག་གནས་དང་ཡུལ་སྐོར་ཞིབ་འཇུག་ལྟེ་གནས་སོགས་ཁེ་ལས་དང་འཐབ་ཇུས་སྒྲོམ་གཞིའི་མཉམ་ལས་གྲོས་མཐུན་མིང་རྟགས་བཀོད་པ་དང་། ལས་གཞིའི་ནང་ཞིང་ཕྱུགས་ཐོན་རྫས་ཉམས་ལེན་དང་། གཅིག་སྒྲིལ་གྱི་ནོར་གནག་སྤུས་རྟགས་ངོ་སྤྲོད་དྲིལ་སྒྲོག རིག་གནས་ཡུལ་སྐོར་གསར་སྤེལ། རིག་གནས་ཡུལ་སྐོར་ཐོན་ལས་ཇུས་འགོད་བློ་འདྲི་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་པ་རེད།
ཐེངས་འདིའི་འོས་སྦྱོར་ཚོགས་འདུ་བདེ་བླག་ངང་འཚོགས་པ་དེས་ས་གནས་གཉིས་སུ་བརྗེ་རེས་མཉམ་ལས་ཀྱི་སྟེགས་བུ་བཟང་པོ་བསྐྲུན་པ་དང་། གཅིག་སྒྲིལ་རྫོང་གི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དང་། ཞིང་ཕྱུགས་ཐོན་རྫས། མངོན་མིན་རིག་གནས་ཤུལ་བཞག་རིག་གནས་ཐོན་ཁུངས་བཅས་འོས་སྦྱོར་ནུས་ལྡན་བྱས་ཏེ་གཙོ་གནད་ཐོན་ལས་ཀྱི་ལས་གཞིའི་གན་རྒྱ་འཇོག་པར་སྐུལ་འདེད་བཏང་སྟེ། གཅིག་སྒྲིལ་རྫོང་གི་མཚན་སྙན་དང་ཤུགས་རྐྱེན་སྔར་བས་ཆེ་རུ་ཕྱིན་ནས་རྫོང་གི་ཞིང་ལས་རིག་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་དཔལ་འབྱོར་གོང་འཕེལ་ལ་སྒུལ་ཤུགས་གསར་པ་བསྣན་ཡོད།
རྗེས་མར། གཅིག་སྒྲིལ་རྫོང་གིས་མུ་མཐུད་དུ་རང་ངོས་འཕེལ་རྒྱས་ཀྱི་གནས་བབ་དང་ཟུང་འབྲེལ་བྱས་ཏེ་ཚོང་འགུག་དངུལ་འདྲེན་གྱི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་དང་། ཁེ་ལས་ཞབས་ཞུ་ཇེ་བཟང་དུ་གཏོང་བ། ཚོང་གཉེར་ཁོར་ཡུག་ཁྱོན་ཡོངས་ནས་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ། སྔར་ལས་མང་བའི་སྤུས་ལེགས་ཁེ་ལས་ཀྱིས་མ་རྩ་འཇོག་པ་ནང་འདྲེན་བྱས་ནས་སྐྱེ་ཁམས་ཀྱི་ཡུལ་སྐོར་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་འདོན་རྒྱུ་རེད། །
ཡོང་ཁུངས། གཅིག་སྒྲིལ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས།
འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།
སྒྲིག་སྦྱོར་པ། ཚེ་རིང་རྡོ་རྗེ།
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།
来源:青海藏文报社牛壹佰
发布于:北京市创利配资提示:文章来自网络,不代表本站观点。